༄༅། །བླ་མའི་རྣལ་འབྱོར་མདོར་བསྡུས་བཞུགས་སོ། ། [001A] །ན་མོ་གུ་རུ་བྷྱ་ འདིར་བླ་མའི་རྣལ་འབྱོར་མདོར་བསྡུས་ཉམས་སུ་ལེན་པར་འདོད་མའི་གང་ཟག་གིས་སྐྱབས་སེམས་ཚད་མེད་བཞི་རྒྱུད་དང་འདྲེས་ངེས་ སུ་བྱས་ནས། འདི་ལྟར། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང། །ངོ་བོ་རིགས་གསུམ་སྒྱུ་འཕྲུལ་ཙོང་ཁ་པ། །རྣམ་པ་བཀའ་དྲིན་མཉམ་མེད་ དའི་བཾ་མཚན། །གསུམ་ལྡན་དགེ་སློང་རྡོ་རྗེ་འཛིན་པའི་ཚུལ། །ཕྱག་གཡས་རྡོ་རྗེ་གཡོན་པ་དྲིལ་བུ་བསྣམས། །སྐུ་དབུང་གཡས་གཡོན་གླེགས་བམ་ རལ་གྲིས་མཚན། །ཆོས་གོས་གསུམ་གསོལ་གསེར་མདོག་པཎ་ཞྭས་མཛེས། །ཞབས་གཉིས་རྡོ་རྗེ་སྐྱིལ་གྲུང་ཚུལ་གྱིས་བཞུགས། །གནས་ [002A]༄༅། །གསུམ་ཡི་གེ་གསུམ་མཚན་ཧཱུཾ་འོད་ཀྱིས། །ཡེ་ཤེས་སྤྱན་དྲངས་དམ་ཡི་དབྱེར་མེད་གྱུར། །ལུས་ངག་ཡིད་གསུམ་གུས་པས་ ཕྱག་འཚལ་ལོ། །དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་སོ་སོར་བཤགས། །སྐྱེ་འཕགས་དགེ་ བ་ཀུན་ལ་རྗེས་ཡི་རངས། །ཟབ་རྒྱས་ཆོས་འཁོར་མ་ལུས་བསྐོར་དུ་གསོལ། །བསྐལ་བརྒྱར་མྱ་ངན་མི་འདར་གསོལ་བ་འདེབས། །དུས་གསུམ་ དགེ་ཚོགས་བྱང་ཆེན་ཐོབ་ཕྱིར་བསྔོ། །གླིང་བཞི་རི་རབ་ཉི་ཟླ་རིན་ཆེན་བདུན། །རིན་ཆེན་མཎྜལ་ཀུན་བཟང་མཆོད་པའི་ཚོགས། །བློ་ཡིས་བླངས་ [002B] །ཐུགས་རྗེས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །དོན་ཆེན་གསུམ་གྱི་གསོལ་འདེབས་ལན་གསུམ། མཚན་སྔགས། ཨོཾ་ཨཱ་གུ་རུ་བཛྲ་དྷ་ར་སུ་མ་ཏི་བོདྷི་ཤཱསན་སྱ་དའི་བཾ་སརྦ་ སིདྡྷི་ཧཱུཾ་ཧཱུཾ། བརྒྱ་སྟོང་སོགས་ཅི་ནུས་བཟླས་མཐར། དགེ་བ་འདི་ཡིས་་བླ་མ་སངས་རྒྱས་འགྲུབ་་འགྲོ་བ་་དེ་ཡི་ས་ལ་་སླར་ཡང་འདོད་གསོལ་ཞུ་བ་ནི། བདེ་ལེགས་རྩ་བ་དྲིན་ཅན་བླ་མ་ལ། །མཆོད་ ཅིང་གུས་པས་གསོལ་བ་བཏབ་པའི་མཐུས། །བཀའ་དྲིན་གསུམ་ལྡན་དཔལ་ལྡན་བླ་མ་ཡིས། །དགྱེས་བཞིན་རྗེས་སུ་འཛིན་པར་བྱིན་གྱིས་རློབས། །རྙེད་དཀའི་རྟེན་བཟང་རིང་དུ་མི་གནས་པར། ། མི་རྟག་འཆི་བར་ངེས་རྙེད་ལས་དབང་གིས། །རིགས་དྲུག་གང་དུ་འཁོར་བའི་ངང་ཚུལ་ལ། །ཞེན་ལོག་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །བཏང་སྙོམས་ས་གཞིར་བྱམས་པའི་ཆུ་ཡིས་བརླན། ། སྙིང་རྗེའི་ས་བོན་ལྷག་བསམ་དྲོད་ཀྱིས་བསྐྱང། །བྱང་སེམས་མྱུ་གུར་ཚོགས་གཉིས་ཡལ་འདབ་རྒྱས། །སྐུ་གསུམ་འབྲས་བཟང་སྨིན་པར་བྱིན་གྱིས་རློབས། །ཆོས་ཀུན་རང་བཞིན་སྟོང་པའི་ གནས་ལུགས་དང། །རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པ་གཉིས། །གཅིག་གྲོགས་གཅིག་ཏུ་ཁྱེར་བའི་རྣལ་འབྱོར་གྱིས། །དབུ་མའི་དགོངས་དོན་རྟོགས་པར་བྱིན་གྱིས་རློབས། །དེ་ལྟར་ [003A]༄༅། །ལམ་གྱི་སྙིང་པོ་རྣམ་གསུམ་གྱི། །དགོངས་དོན་ཇི་བཞིན་མ་ནོར་ལེགས་རྟོགས་ནས། །རྣམ་དག་བསླབ་ཁྲིམས་ཚུལ་བཞིན་ལེགས་བསྲུང་སྟེ། །དམ་པའི་མགོན་ དང་མི་འབྲལ་རྗེས་འཛིན་ཤོག་མདོར་ན་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་པའི། །དཔལ་ལྡན་བླ་མའི་དམ་ཚིག་ལ་ གནས་ཤོག་ཚེ་རབས་ཀུན་ཏུ་་མ་གྱུར་ཅིག་ །ཅེས་པ་འདི་ནི་པཱ་རན་ཀུན་སྐྱོབས་གླིང་གི་གྲྭ་རིགས་དོན་ཡོད་རྡོ་རྗེ་ཟེར་བས་ཡང་ཡང་བསྐུལ་བའི་ངོར་ ༸ཆོས་མེད་བ་ན་རྒན་འདུ་གསུམ་པས་བྲིས་པ་ཛ་ཡནྟུ། ། ༄༅། །དུས་འཁོར་བླ་མའི་རྣལ་འབྱོར་དངོས་གྲུབ་རྣམ་གཉིས་ཀྱི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།། ། །ན་མོ་གུ་རུ་ཤྲཱི་ཀཱ་ལ་ཙཀྲ་ཡ། ཕྱོགས་བཅུའི་རྒྱལ་ཀུན་གཅིག་བསྡུས་ཕྲ་རབ་ཆོས། །ཉེར་ཟད་དྭངས་ ཤིང་ཐོགས་མེད་རྡོ་རྗེའི་སྐུ། །ཚད་མེད་འགྲོ་ལ་སྐད་ཅིག་ཆོས་སྟོན་པ། །དཔལ་ལྡན་དང་པོའི་སངས་རྒྱས་ལ་ཕྱག་འཚལ། །གང་དང་བླ་མ་དབྱེར་མེད་རྣལ་འབྱོར་ཚུལ། །མན་ངག་རིན་ཆེན་ཕྲེང་བའི་དོ་ཤལ་མཆོག་མདོར་ བསྡུས་ཚིག་གི་སྲད་བུར་ལེགས་བསྟར་ནས། །དཔྱོད་ལྡན་མགུལ་བའི་རྒྱན་དུ་སྤེལ་ལ་སྤྲོ། །དེ་ལ་འདིར་དཔལ་དུས་ཀྱི་འཁོར་ལོའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། ཡིད་མཐུན་གྱི་གནས་སུ་མཆོད་པ་གཙང་སྤྲ་ཐོན་པ་ལོག་འཚོས་མ་ [003B] རྡོ་རྗེ་སློབ་དཔོན་དབང་མཆོག་ཐོབ། །དེས་བསྟན་ཐབས་ཤེས་དབྱེར་མེད་ཆོས། །དེར་གནས་དགེ་འདུན་རྣམ་གཉིས་ལ། །རབ་ཏུ་དང་བས་སྐྱབས་སུ་མཆི། །དུས་འདི་ནས་བཟུང་བྱང་ཆུབ་བར། ། བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང། །བསམ་པ་རྣམ་པར་དག་པ་བསྐྱེད། །བདག་དང་བདག་གིར་འཛིན་པ་སྤངས། །ཞེས་སོགས་ཀྱི་སྐྱབས་འགྲོ་དང། བླ་མ་སངས་རྒྱས་སྲས་བཅས་ལ། །བདག་ཉིད་རྣམ་པ་ཀུན་ཏུ་འབུལ། །ཡོན་གནས་དམ་པ་ཁྱེད་ རྣམས་ཀྱིས། །བྲན་དང་འབངས་སུ་བཟུང་དུ་གསོལ། །བདག་གི་དུས་གསུམ་དགེ་བ་རྣམས། །རང་དོན་དྲི་མས་མ་གོས་པར། །སྲིད་གསུམ་སེམས་ཅན་མ་ལུས་པ། །སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག་ །ཅེས་སོགས་ཀྱིས་སེམས་བསྐྱེད་ལན་ གསུམ། དེ་ནས་དམིགས་པ་བརྟན་པོའི་ངང་ནས། རང་མདུན་མཁའ་དབྱིངས་སེངྒེའི་ཁྲི། །ཟླ་ཉི་སྒྲ་གཅན་དུས་མེའི་སྟེང། །བླ་མའི་ངོ་བོ་དུས་འཁོར་ལོ། །ཞལ་གཅིག་ཕྱག་གཉིས་ནམ་མཁའི་མདངས། །རྡོར་དྲིལ་བཟུང་སྟེ་ཡུམ་ལ་འཁྱུད། ། སྣ་ཚོགས་ཡུམ་ནི་སྐུ་མདོག་སེར། །གྲི་ཐོད་འཛིན་པས་ཡབ་ལ་འཁྱུད། །གཡས་དམར་ཞབས་ནི་རབ་ཏུ་བརྐྱངས། །གཡོན་དཀར་ཞབས་ནི་ལེགས་བསྐུམས་པས། །བདུད་དང་དྲག་པོ་བརྫིས་པའི་སྟེང། །སྐུ་ལ་རྡོ་རྗེ་ནོར་བུ་སོགས། །སྣ་ཚོགས་ རྒྱན་མང་འོད་ཀྱིས་བརྗིད། །ཐུགས་ལས་རྡོ་རྗེའི་ཤུགས་སྤྲོས་པས། །ཡེ་ཤེས་སྤྱན་དྲངས་དམ་ཚིག་འདྲེས། །དབང་ལྷ་སྤྱན་དྲངས་གསོལ་བཏབ་པས། །དབང་བསྐུར་རིགས་བདག་རྒྱས་བཏབ་གྱུར། །ཉེར་སྤྱོད་ཕྱི་ནང་གསང་མཆོད་སྤྲིན་རབ་ [004A]༄༅། །འབྱམས་ནམ་མཁའི་ཁྱོན་བཀང་སྟེ། །སྐྱབས་གནས་ཀུན་འདུས་བླ་མར་འབུལ། །བླ་མ་དཔལ་ལྡན་དུས་འཁོར་ལོ། །ཁྱེད་ཀྱིས་བདག་ལ་བྱིན་གྱིས་རློབས། །དངོས་གྲུབ་མ་ལུས་བདག་ལ་སྩོལ། །འདོད་དགུའི་ཆར་ཆེན་ མྱུར་དུ་ཕོབ། །སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་ནམ་ཉེར་གཅིག་དང། ཨོཾ་ཨཱ་ཧཱུཾ་ཧོ་ཧཾ་ཀྵ། ཧྐྵྨླྭྲྱཾ་ཧཱུཾ་ ཕཊ་ ཅེས་ཡབ་དང། ཨོཾ་བི་ཤྭ་མ་ཏཱ་ཧཱུཾ་ཕཊ། །ཅེས་ཡུམ་གྱི་སྔགས་བརྒྱ་སྟོང་ཁྲི་འབུམ་སོགས་ཅི་ནུས་བཟླས་ལ། མཐར་འདོད་གསོལ་ནི། ཐབས་ཤེས་ཟུང་དུ་འཇུག་པ་ཡི། །གཤོག་ཡངས་སྤྱོད་པའི་རྒྱལ་སྲས་ཀྱི། །ངང་པའི་རྒྱལ་པོ་ལྷན་ཅིག་ཏུ། །སྤྱོད་པ་ རྒྱ་མཚོ་མཐར་ཕྱིན་ཤོག་རྣམ་བཅས་བཞིན་ལག་ཅན་གྱི་སྐུ། །རྣམ་མེད་སྒྱུ་མའི་ཕྱག་རྒྱའི་འོད། །འཕོ་ཆེན་བཅུ་གཉིས་སྲིད་རྩ་ཡི། །དྲི་བཞོན་འཇོམས་པར་བསྒོམ་ནུས་ཤོག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡི། །འགྱུར་ མེད་བདེ་ཆེན་ཕྲ་རབ་རྡུལ། །དབུ་མའི་ནང་དུ་བརྩེགས་པ་ཡི། །བེམ་ཆོས་ཁམས་རྣམས་ཟད་པར་ཤོག་སྟོང་གཟུགས་ཕྱག་རྒྱའི་དབང་པོའི་གཞུ། །མི་འགྱུར་བདེ་བའི་ཁ་དོག་ལྔ། །དབྱེར་མེད་གཞོམ་བྲལ་རྡོ་རྗེའི་སྐུ། ། ངེས་དོན་ནཱ་ད་མངོན་བྱེད་ཤོག་ཆད་མེད་རྡོ་རྗེ་ཨེ་ཝཾ་གདངས། །ཆོས་དབྱིངས་མཁའ་ལས་བསྒྲགས་པ་ཡིས། །འགྲོ་ཀུན་མ་རིག་གཉིད་སངས་ཏེ། །སྟོང་གཟུགས་གོ་འཕང་ཐོབ་པར་ཤོག་དེར་མ་སོན་པའི་གནས་སྐབས་སུ། ། [004B] །རིགས་ལྡན་ཞལ་བཟང་མངོན་གྱུར་ནས། །ཐེག་མཆོག་ཆོས་ལ་སྤྱོད་གྱུར་ཅིག་དེ་ལྟར་གསོལ་བཏབ་བླ་མ་ལྷ། །དགྱེས་བཞིན་འོད་ཞུ་བདག་ཉིད་ལ། །ཐིམ་པས་རང་ཉིད་གདན་ལྔའི་སྟེང། །དཔལ་ ལྡན་དུས་ཀྱི་འཁོར་ལོར་གྱུར། ། ཞེས་དམིགས་རྣམ་བརྟན་པོས་བརྗོད་པར་བྱའོ། །ཞེས་དུས་འཁོར་བླ་མའི་རྣལ་འབྱོར་དངོས་གྲུབ་རྣམ་གཉིས་ཀྱི་དགའ་སྟོན་ཞེས་བྱ་བ་འདི་ནི་ཁོ་ཚེ་བླ་མ་གས་བླ་མ་དགེ་འདུན་བསྟན་པ་ཕུན་ཚོགས་ནས་ཡང་ཡང་རྣ་བ་འཛེར་བའི་ངོ་མ་བཟློག་པར། ཆོས་མེད་བན་རྒན་འདུ་ གསུམ་སྙོན་ལས་བས་དམ་པའི་གསུང་ལས་བཏུས་ཏེ་འགལ་བསྡུས་ཀྱི་ཕྲེང་བར་སྤེལ་བའོ། །འདི་སུ་རུང་རུང་ལ་སྟོན་པར་མི་བྱའོ། །གུ་ཧྱ་སམ་ཡཿ་རྒྱཿ་རྒྱཿ་རྒྱཿ་་༄༅། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བླ་མའི་རྣལ་འབྱོར་དོན་གཉིས་ལྷུན་གྲུབ་ཅེས་བྱ་བ་ བཞུགས་སོ།། ། །དབང་ཆེན་ཧེ་རུ་ཀཿ་དཔལ་དང། །ཁྱབ་བདག་ཀུན་བཟང་ཆོས་རྒྱན་ལ། །གུས་པས་བཏུད་དེ་དབང་ཆེན་གྱི། །བླ་མའི་རྣལ་འབྱོར་ཁྱེར་བདེ་སྤེལ། །འདིར་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པ་དག་གིས་རྒྱུད་སྡེ་དང་བསྟུན་པའི་མཆོད་པ་རྣམས་གྱ་ནོམ་པ་གཙང་སྦྲ་ཐོན་པར་བཤམས། རང་སྟན་བདེ་བར་ལུས་གནད་དང་བཅས་འཁོད་ལ་སྐྱབས་སེམས་ཚད་མེད་བཞི་རྒྱུད་དང་འདྲེས་ངེས་སུ་བྱས་ནས་འདི་ལྟར།།། རང་གི་སྤྱི་བོར་པད་ཉི་རུ་ཏྲའི་སྟེང། །རྩ་བའི་བླ་མ་ཁྱབ་བདག་པོ་དཧིའི་མཚན། །རྣམ་པ་བཅོམ་ལྡན་པདྨ་དབང་ཆེན་སྐུ། །དམར་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། །གཡས་དཀར་གཡོན་ལྗང་དབུས་དམར་རེ་རེ་ [005A][#DATA APPARENTLY INCOMPLETE HERE] [006A]༄༅། །དམ་པའི་གསུང་ལས་བཏུས་ཏེ་གཡང་ཁྲལ་ཙམ་དུ་སྦྱར་བའོ།། །།༄༅། །ཟབ་ལམ་བླ་མའི་རྣལ་འབྱོར་བཞུགས་སོ།། ༄༅། །ན་མོ་བཛྲ་བཧཻ་ར་ཝེ། འདིར་ཟབ་ལམ་ བླ་མའི་རྣལ་འབྱོར་བསྒོམ་པར་འདོད་པ་དག་གིས་ཡིད་དང་མཐུན་པའི་གནས་སུ་དམིགས་རྟེན་རྣམས་ལེགས་པར་བཀྲམ་པའི་མདུན་དུ་མཆོད་གཏོར་སོགས་ལེགས་པར་འདུ་བྱས་ལ། རང་བདེ་བའི་གདན་ལ་ལུས་གནད་དང་ལྡན་པར་འཁོད་ནས་སྐྱབས་སེམས་ཚད་ མེད་བཞི་རྒྱུད་དང་འདྲེས་ངེས་སུ་བྱས་ནས་འདི་ལྟར། རང་གི་སྤྱི་བོར་སེང་ཁྲི་པདྨ་དང། །ཉི་མའི་གདན་ལ་རྩ་བའི་བླ་མ་མཆོག་རྣམ་པ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ནི། །ཞལ་ཕྱག་ཡོངས་རྫོགས་ཡུམ་དང་བཅས་པར་ གྱུར། །དེ་ཡི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ། །ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུའི་སྐུ། །དེ་ཡི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ། །ཏིང་འཛིན་སེམས་དཔའ་ཧཱུཾ་ཡིག་མཐིང་ཀ་ལས། །ལྔ་ ལྡན་འོད་ཟེར་འབར་བས་བསྐོར་བར་གྱུར། །བླ་མའི་གནས་གསུམ་ཡི་གེ་གསུམ་གྱིས་མཚན། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་རབ་འཕྲོས་པས། །རྩ་རྒྱུད་བླ་མ་རྒྱལ་བ་སྲས་བཅས་ཀུན། །སྤྱན་དྲངས་ཐིམ་པས་ དམ་ཡེ་དབྱེར་མེད་གྱུར། །གང་དྲིན་མ་དང། གཟུགས་མཆོག་ མ། ཕྱི་ནང་གསང་བའི་མཆོད་པ་འབུལ་ལ། སྡིག་པ་རྣམས་ནི་བཤགས་པར་བྱ། །་བསྟེན་པར་བགྱི། །སྤྲོ་ན་སྡོམ་བཟུང་ཀྱང་བྱ། ཏིང་ངེ་འཛིན་གྱི་དབང་བཞི་ལེན་ [006B] ཐུགས་རྗེ་བསྐུལ་བའི་བཟླས་པ་བྱ་བར་འདོད་ན། ཐུན་མོང་གི་ལུགས་ལྟར་འཇམ་དབྱངས་དཀར་སེར་གང་བཀོད་པ་དེའི་སྔགས་དང། ཁྲོ་བོའི་སྔགས་རིམ་པར་བདུད་རྩི་འབེབས་སྦྱངས་དང་བཅས་བྱ། དམར་སེར་དང་སྦྲགས་ཚེ་རྗེ་བཙུན་གྱི་ཕྱག་གཡས་པའི་རལ་གྲིའི་ལུ་བ་ ཐུགས་ཀར་བསྣམས་པ། རྩེ་མོ་རང་གི་སྙིང་གར་གཏད་པ་ལ་འཁྲིལ་ནས་བདུད་རྩིའི་རྒྱུན་བབས་པའི་དམིགས་པ་དང་བཅས་ཞི་ཁྲོའི་སྔགས་རིམ་པར་བཟླ། ཐུན་མོང་མ་ཡིན་པའི་ཁྲིད་ཐོབ་ཡོད་ན་དམིགས་པ་བྱེད་ཆོག་པ། དཔའ་གཅིག་གི་སྐབས་སུ་ཡུམ་བཅས་སུ་བསྙེན་པ་དེའི་མན་ངག་གིས་ ཤེས་པར་གྱུར་ནའང་འཆུན་དཀའ་བར་གསུང་ངོ། སྤེལ་ཚིག་བཏགས་པར་འདོད་ན། ཚེ་ལ། ཨ་ཡུར་པུཥྚིཾ་ཀུ་རུ་སཱ་ཧཱ། ལྟ་བུས་མཚོན། བསོད་ནམས་ལ། པུ་ཎྱེ། ཆོས་འཕེལ་བར་འདོད་ན། དྷ་རྨ། ཤེས་རབ་འཕེལ་བར་འདོད་ན། པྲཉྫཱ། ཡོན་ཏན་ ལ། གུ་ཎ། འདོད་ཡོན་ལ། ཀ་མ་གུཎ་ སོགས་སྦྱར་རོ། །དེ་ནས། བླ་མ་རྡོ་རྗེ་འཇིགས་བྱེད་ལ། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །འདི་ཕྱི་བར་དོའི་འཇིགས་ལས་སྐྱོབས། །དངོས་གྲུབ་རྣམ་གཉིས་སྩལ་ དུ་གསོལ། །ཞེས་པའི་གསོལ་འདེབས་གང་མང་དང། ཡོན་ཏན་གཞིར་གྱུར་མ་ལྟ་བུ་ལམ་ཡོངས་རྫོགས་ལ་བློ་སྦྱངས། ཡང་གོང་གི་གསོལ་འདེབས་ཀྱི་སྐབས། བླ་མ་དྲག་པོ་རྡོ་རྗེ་འཇིགས་བྱེད་དེ། །སྐད་ཅིག་ཙམ་ཞིག་ཡིད་ལ་ དྲན་པས་ཀྱང། །དུག་གསུམ་བདུད་དཔུང་ཐལ་བར་རླག་བྱེད་པའི། །འདྲེན་མཆོག་བློ་བཟང་གྲགས་ལ་གསོལ་བ་འདེབས། །ཞེས་རྒྱལ་བ་དབེན་ས་བ་ཆེན་པོས་མཛད་པ་འདི་བཏོན་ན་གྲོགས་དང་རྐྱེན་ངན་གྱིས་གཙེས་པ་ལ་མཆོག་ཏུ་ [007A]༄༅། །ཕན་པར་གསུངས་སོ། །དེ་ནས། ཐུགས་རྗེའི་བདག་ཉིད་བླ་མ་རྡོ་རྗེ་འཆང། །བྱིན་རླབས་མཆོག་སྩོལ་བླ་མ་རྡོ་རྗེ་འཆང། །བསླུ་མེད་སྐྱབས་གནས་བླ་མ་རྡོ་རྗེ་འཆང། །བཀའ་དྲིན་འཁོར་ མེད་བླ་མ་རྡོ་རྗེ་འཆང། །གང་གི་ཞབས་སེན་སྙིང་གི་ཆུ་སྐྱེས་དབུས། །རྟག་ཏུ་བཞུགས་ནས་བདག་གི་ལས་ཉོན་གྱི། །ལོག་པའི་བློ་སྣ་མཐའ་དག་དྲུང་ཕྱུང་ནས། །ཚད་མེད་འཇོ་བའི་བྱིན་རླབས་གྲུ་ཆར་གྱིས། ། གུས་ལྡན་ཡིད་ཀྱི་ཞིང་ས་ཡོངས་སྨིན་པས། །མདོ་དང་སྔགས་ཀྱི་ལམ་བཟང་མྱུ་གུའི་ཚལ། །རྒྱས་པར་མཛོད་ཅིག་ཐུགས་རྗེ་གཏེར་ཆེན་ཀྱེ། །ཀུན་རྟོག་འཛིན་མར་གབ་པའི་ས་བོན་ལས། །ཀུན་གདགས་ གདོན་བགེགས་དུག་ཚེར་ཡོངས་ཁྱབ་པ། །མཐུ་སྟོབས་ནུས་པས་ཕྱུང་སྟེ་ཡེ་ཤེས་ཀྱི། །དྲག་པོའི་མེ་ཡིས་ལྷག་མེད་བསྲེགས་པར་མཛོད། །རྡོ་རྗེ་མཇུག་མ་བདས་པས་བུ་ཆུང་གིས། །གདུང་བའི་སྐད་ཀྱིས་ མ་ལ་འབོད་པ་བཞིན། །ཉིན་མཚན་ཀུན་ཏུ་སྙིང་ནས་གསོལ་བཏབ་ན། །ཡེ་ཤེས་ཐུགས་རྗེས་གཟིགས་ཤིག་བླ་མ་མཁྱེན། །དེ་ལྟར་གསོལ་བ་ ཞེས་སོགས་བླ་མཆོད་ལྟར་བྱ། རྣམ་དག་བསམ་པས། ་ ཚེ་རབ་ཀུན་ཏུ་རྗེ་བཙུན་འཇམ་དབྱངས་ཀྱིས། །་དེང་བརྩམས་མ་ སོགས་ཅི་ཤེས་ཀྱི་སྨོན་ལམ་འདེབས་པར་བྱའོ། །ཞེས་པ་འདི་ཡང་མར་ཚད་ཞབས་དྲུང་ནས་འདི་ལྟ་བུ་ཞིག་དགོས་ཞེས་ཡང་ཡང་བསྐུལ་བའི་ངོ་མ་བཟློག་པར། ༸གྱི་ན་ [007B]སུ་རུང་རུང་ལ་སྟོན་པར་མི་བྱའོ།། གུཧྱ། །